当前位置: 首页 > 校园文化 > 父母与教育

父母与教育

2021年06月21日 09:47:32 来源:网校空间 访问量:196
ཕ་མ་དང་སློབ་གསོ།
  སློབ་གསོ་ནི་འཕེལ་རྒྱས་ཀྱི་གཞི་རྩ་ཡིན་ལ་ཕྱོགས་སྟོན་ཀྱང་ཡིན། སློབ་གསོ་མྱངས་དང་མ་མྱངས་པའི་ཁྱད་གཙོ་བོ་ནི་བསམ་བློ་དང་འདུ་ཤེས་འཛིན་སྟངས།སྤྱོད་ལམ་སོགས་ནས་མངོན་ལ།འདི་དག་ནི་མ་འོངས་པར་མི་དེ་རྒྱལ་ཁ་དང་ཕམ་ཁ་ཅི་འབྱུང་གི་རྐྱེན་གཙོ་བོ་ཡིན་པས་ཐད་ཀར་ཐག་གཅོད་བྱེད་བཞིན་ཡོད། དེ་བས་རང་ཉིད་ཀྱི་བུ་ཕྲུག་ལ་ཡང་དག་དང་ཚད་ལྡན།སྔོན་ཐོན་ཅན་གྱི་སློབ་གསོ་མྱོང་རོལ་བྱེད་དུ་འཇུག་རྒྱུ་དེ་ཕ་མ་སོ་སོ་ནས་འགངས་ཆེན་དང་གཙིགས་མཐོང་ཆེར་བྱེད་མུས་སུ་ཡོད་དོ།།
  སློབ་གསོའི་གྲུབ་འབྲས་བཟང་བོ་ཞིག་འཐོབ་རྒྱུ་སློབ་གྲྭའི་ཕྱོགས་ཁོ་ནར་རག་ལས་པ་མིན་པར།ཕྱོགས་སོ་སོ་ནས་འབད་འབུངས་ལྷོད་མེད་དང་དཀའ་སྤྱད་སྡུག་རིས་བྱེད་མིན་ལ་རག་ལས་ཡོད།དེ་བས།སློབ་གསོ་མྱོང་ས་སློབ་གྲྭ་གཅིག་པུ་མིན་ལ་སློབགསོ་གཏོང་མཁན་ཡང་དགེ་རྒན་ཁོ་ནས་ལས་འགན་ཙམ་མིན་པར།སློང་གྲྭ་དང་ཁྱིམ་ཚང་།དགེ་རྒན་དང་ཕ་མ་སོགས་ཕྱོགས་ཡོངས་ནས་སྟོབས་ཤུགས་གཅིག་སྒྲིལ་དང་མང་པོ་མཉམ་རུབ་བྱས་ཏེ།སློབ་མའམ་བུ་ཕྲུག་དེ་ལ་དུས་དང་རྣམ་པ་ཀུན་དུ་སློབ་གསོ་མྱོང་དུ་འཇུག་རྒྱུ་ནི་ཧ་ཅང་འགངས་ཆེན་ནོ།།
སློབ་མ་མང་པོའི་སློབ་གྲྭ་གཅིག་ནས་དགེ་རྒན་གཅིག་གི་བཀའ་སློབ་ལ་ཉན་རུང་།སྦྱང་འབྲས་ལ་རབ་འབྲིང་ཐ་གསུམ་འབྱུང་བཞིན་པ།དགེ་རྒན་གྱིས་སློབ་ཁྲིད་བྱེད་སྟངས་དང་ཤ་ཚ་སྙིང་ཉེ་མིན་སོགས་ཀྱི་ཁྱད་བཏང་སོང་བ་ལྟར་སྣང་ཡང་།དོན་ལ་གཅིག་ནས་སློབ་མ་སོ་སོའི་རྣམ་དཔྱོད་ཀྱི་ཚད་མ་འདྲ་བ་དང་།གཉིས་ནས་བརྩོན་པ་བསྐྱེད་དེ་དཀའ་བ་སྤྱད་མིན་དང་།གསུམ་ནས་ཁྱིམ་བདག་གམ་ཁྱིམ་ཚང་སློབ་གསོར་རག་ལས་པ་རེད།འདིར་རྒྱུ་རྐྱེན་དང་པོ་བརྗོད་པར་མི་འདོད་དེ།རྒྱུ་མཚན་རྣམ་དཔྱོད་ཀྱི་ཚད་དེ་རང་རིགས་ཀྱིས་བཤད་ན་སྐྱེ་བ་སྔ་མའི་ཚོགས་བསགས་དང་སྐྱེ་བ་ད་རེབ་ཀྱི་རྒྱུད་པར་རག་ལས་པས།སྤྱིར་བཏང་དེ་ནི་བརྗོད་ཀྱང་བསྒྱུར་དུ་མི་བཏུབ་པ་ཞིག་གོ།
  གནད་དོན་གཉིས་པ་དང་གསུམ་པའི་བར་ནི་འབྲེལ་ངེས་ཅན་ལྡན་པ་མ་བརྗོད་ཀྱང་ཧ་གོ་བ་ཞིག་རེད།དེའི་རྐྱེན་བུ་ཕྲུག་གི་སྦྱང་འབྲས་བཟང་ངན་དེ་ཁྱིམ་བདག་རང་ཉིད་ལའང་འབྲེལ་བ་བླ་ལྷག་ལྡན་པ།ང་ཚོའི་ཉེ་འཁོར་གྱི་ཁྱིམ་བདག་དཔེ་ལེགས་ཅན་གང་མང་གི་བུ་ཕྲུག་ཕུལ་བྱུང་ཅན་དག་གིས་བདེན་པ་ར་སྤྲོད་བྱེད་ཐུབ། འཇིག་རྟེན་གྱི་ཕ་མ་སུ་ཡིན་རུང་རང་ཉིད་ཀྱི་བུ་ཕྲུག་ལ་ཤ་མི་ཚ་མཁན་དང་ཕན་འདོགས་མི་བསམ་མཁན་ཕལ་ཆེར་ཡོད་མི་སྲིད་མོད།ཡིན་ཡང་ཕ་མ་སོ་སོའི་རང་རང་གི་བུ་ཕྲུག་ལ་གཅེས་ལུགས་གཅེས་སྟངས་རྣམ་པ་སྣ་ཚོགས་པས།འགའ་རེ་ན་བཟང་བཟང་དུ་མ་སོང་ངན་དུ་གྱུར་ནས་བུ་ཕྲུག་གང་མང་གི་བདེ་ཐང་འཚར་ལོངས་ལ་གནོད་པ་དང་མདུན་ལམ་ལ་ནག་ཐིག་ཕབ་ཚུལ་ཡང་།བརྡ་འཕྲིན་ཅན་གྱི་དུས་འདིར་ང་ཚོ་རིག་རྒྱུ་དང་མཐོང་རྒྱུ་གང་མང་ཡོད་པས་གཅེས་མ་ཤེས་བུ་ཕྲུག་གཅེར་བུ་ཕུད་ཟེར་བའང་འདི་ལས་གཞན་ཅི།
  དེ་བས།རང་ཉིད་ཡང་དཔེ་ལེགས་ཅན་གྱི་ཁྱིམ་བདག་བཟང་པོ་ཞིག་ཏུ་ཆགས་རྒྱུ་དང་ཕུལ་དུ་བྱུང་བའི་བུ་ཕྲུག་ཅིག་སྐྱེད་བསྲིངས་བྱེད་པར།ཐོག་མར་རང་ཉིད་ཀྱི་བུ་ཕྲུག་ལ་གཅེས་ཤེས་རྒྱུ་འགངས་ཆེ་ལ།བར་དུ་མ་ནོར་ཡང་དག་པའི་ལམ་དང་ཁ་ཕྱོགས་སྟོན་ཤེས་དགོས།མཐར་ཆེས་གལ་འགངས་ཆེ་བ་བུ་ཕྲུག་དང་ལྷན་ཅིག་རང་ཉིད་ཀྱིས་ལྟན་པའི་ལམ་དེར་ཞུགས་ནས་བུ་ཕྲུག་དང་མཉམ་དུ་བསྐྱོད་ཐུབ་པའི་བློ་སྤོབས་ལྡན་པ་གསུམ་ཀྱི་ཆ་རྐྱེན་འཛོམས་དགོས།འདི་ལྟར་བྱས་ཚེ།བུ་ཕྲུག་དང་མཉམ་དུ་རང་ཉིད་ལའང་ཡར་རྒྱས་གོང་འཕེལ་འབྱུང་སྲིད་དོ།།
ཞེས་ལམ་པ་བས།
2018-1-15
编辑:完玛才让
上一篇:没有了
下一篇:没有了
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县王加乡学区 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址: 王家乡寄宿制中心完全小
北京网笑信息技术有限公司 仅提供技术支持 违法和不良信息举报中心